亲爱的浪卡子县居民、过往旅客朋友们:
鼠疫是我国法定的甲类传染病,传染性强、传播速度快、病死率高,严重威胁着我们的生命健康和公共卫生安全。为切实做好我县鼠疫防控工作,保障全县人民群众的身体健康和生命安全,特发出如下倡议:
1. 认真学习鼠疫防控知识:深入了解鼠疫的传播途径、症状表现和预防方法,提高自我保护意识和防护能力,掌握“三不三报”制度。“三不”即不接触、剥食和携带鼠、野兔、狐狸、旱獭等动物;不要在鼠类(包括旱獭)、野兔等动物洞穴周围进行休憩,更不要挖刨动物洞穴;不要接触急死患者、疑似鼠疫患者、确诊鼠疫患者 。“三报”即要及时报告病死鼠;及时报告疑似鼠疫患者、确诊患者;及时报告不明原因的高热患者和急死患者。同时,积极向家人、朋友和邻居宣传鼠疫防控知识,营造全民参与防控的良好氛围。
2. 全面开展爱国卫生运动:集中开展环境卫生综合整治和灭鼠灭蚤工作,定期打扫室内外卫生,清理暴露垃圾、清除卫生死角,做到居室净、院落净。在室内外布放鼠盒、粘鼠板、捕鼠笼,投放鼠药,封堵农田、草场鼠洞。处理死鼠时要戴手套、口罩,消毒后,在远离水源地和居住地的场所焚烧、深埋,彻底消除鼠蚤滋生场所。
3. 养成健康生活方式:改变不良生活习惯,加强体育锻炼,合理膳食,规律作息,增强自身免疫力。勤洗手、勤换衣,保持个人卫生。不捕猎旱獭、野兔、狐狸等野生动物,不与猫、狗等动物亲密接触,不在鼠洞及其他野生动物的洞穴旁边坐卧。尽量避免前往人多拥挤的公共场所,做好疾病预防。
4. 做好自我防护:邻近疫源地居住的群众开展生产生活活动时要穿防蚤袜、戴手套等,做好自我防护。在野外活动或作业人员,要穿长袖上衣、长裤,必要时穿高筒靴子或防蚤袜子,避免被蚤叮咬。
5. 积极配合防控工作:如出现发热、咳嗽、淋巴结疼痛、咯血或出血等症状,应及时前往医疗机构就诊,并主动告知医生近期的活动轨迹和接触史。配合相关部门做好疫情监测、排查、隔离和治疗等工作,做到早发现、早诊断、早治疗。
鼠疫可防可治,让我们积极行动起来,从自身做起,从现在做起,共同参与鼠疫防控工作,携手共建健康、美好的家园!
浪卡子县卫生健康委员会
2025年6月16日
མཛའ་བརྩེ་དང་ལྡན་པའི་སྣ་དཀར་རྩེ་་རྫོང་གི་ཡུལ་མི་དང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཡུལ་སྐོར་བ་ཚོ།
བྱི་རིམས་ནི་རང་རྒྱལ་གྱིས་ཁྲིམས་གཏན་འཁེལ་བའི་ཀ་རིགས་ཀྱི་འགོས་ནད་ཅིག་ཡིན། དེ་འགོས་ཤུགས་ཆེ་བ་དང་། འགོས་མགྱོགས་པ། ཤི་ཚད་མཐོ་བས། ང་ཚོའི་ཚེ་སྲོག་བདེ་ཐང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་གི་ཡོད། དེས་ན། རང་རེའི་རྫོང་གི་བྱི་རིམས་འགོག་ཟོན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་སྲུང་ཆེད། དམིགས་སུ་གྲོས་འགོ་འདོན་རྒྱུ་གཤམ་ལྟར།
1.བྱི་རིམས་ནད་འགོག་ཟོན་གྱི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱེད་དགོས་པ་སྟེ། བྱི་རིམས་འགོས་ལམ་དང་། ནད་རྟགས། འགོག་ཐབས་བཅས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་རང་སྲུང་འདུ་ཤེས་དང་འགོག་སྲུང་ནུས་པ་ཆེ་རུ་བཏང་ནས“མི་རུང་བ་གསུམ་དང་སྙན་སེང་་གསུམ”གྱི་ལམ་ལུགས་ཁོང་དུ་ཆུད་པ་བྱེད་དགོས། “མི་རུང་བ་གསུམ”ནི་བྱི་བ(ཙི་ཙི)དང་རི་བོང་། ཝ་མོ། འཕྱི་བ་སོགས་སྲོག་ཆགས་ལ་ཐུག་རེག་མི་བྱེད་པ་དང་། སྲོག་ཆགས་དེ་རིགས་ཀྱི་ལྤགས་པ་མི་བཤུ་བ་དང་ཤ་མི་ཟ་བ། འཁྱེར་མི་ཡོང་བ་དང་། བྱི་བའི(ཙི་ཙིའི)རིགས(འཕྱི་བ་ཚུད་ཡོད)དང་རི་བོང་སོགས་སྲོག་ཆགས་ཚང་ཀྱི་ཉེ་འཁོར་དུ་ངལ་གསོ་རྒྱག་མི་རུང་ལ། སྲོག་ཆགས་ཀྱི་ཚང་དེ་བས་བསྔོག་མི་རུང་། གློ་བུར་དུ་ཤི་བའི་ནད་པ་དང་བྱི་རིམས་འགོས་པའི་དོགས་ཡོད་ནད་པ། བྱི་རིམས་འགོས་པའི་ནད་པ་དང་འབྲེལ་འདྲིས་བྱེད་མི་རུང་། “སྙན་སེང་གསུམ”ནི་ནད་ཡམས་ཀྱིས་ཤི་བའི་བྱི་བ(ཙི་ཙི)མཐོང་ཚེ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། བྱི་རིམས་འགོས་པའི་དོགས་ཡོད་ནད་པ་དང་བྱི་རིམས་འགོས་པ་གཏན་འཁེལ་བའི་ནད་པ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། རྒྱུ་རྐྱེན་མི་གསལ་བའི་ཚ་རྒྱས་ནད་པ་དང་གློ་བུར་དུ་ཤི་བའི་ནད་པ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། དེ་དང་ཆབས་ཅིག་ནང་མི་དང་། གྲོགས་པོ། ཁྱིམ་མཚེས་བཅས་ལ་བྱི་རིམས་འགོག་ཟོན་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་ནས་དམངས་ཡོངས་འགོག་ཟོན་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།
2.རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཕྱོགས་ཡོངས་ནས་སྤེལ་རྒྱུ་སྟེ། ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་དང་བྱི་བ(ཙི་ཙི)དང་ལྗི་བ་རྩ་མེད་གཏོང་བའི་ལས་དོན་གཅིག་སྡུད་ཐོག་སྤེལ་བ་དང་། དུས་བཀག་ནང་ཁང་པའི་ཕྱི་ནང་ལ་གཙང་སྦྲ་བྱེད་པ། མངོན་གསལ་དོད་པའི་གད་སྙིགས་གཙང་མ་འཕྱག་པ། ཁུག་ཀྱོག་གི་གད་སྙིགས་གཙང་མ་འཕྱག་པ་བཅས་ཀྱིས་ཁང་པ་དང་སྒོ་རའི་ཕྱི་ནང་ཡོངས་གཙང་མ་ཡོང་བ་བྱེད་དགོས། ཁང་པའི་ཕྱི་ནང་དུ་བྱི་བ (ཙི་ཙི)འཛིན་བྱེད་ཀྱི་སྒམ་ཆུང་དང་རླུང་རྩེ། འབྱར་པང་འཇོག་པ། བྱི་སྨན(ཙི་སྨན)རྒྱག་པ། ཞིང་ཁ་དང་རྩྭ་ཐང་གི་བྱི་ཁུང(ཙི་ཁུང)བཀག་པ་སོགས་བྱེད་དགོས། བྱི་བ་ཤི་བའི་རོ(ཙི་ཙི་ཤི་བའི་རོ)ཐག་གཅོད་བྱེད་སྐབས་ལག་ཤུབས་དང་ཁ་རས་གྱོན་དགོས་པ་དང་། དུག་སེལ་བྱས་རྗེས་ཆུ་འགོ་དང་འཚོ་སྡོད་ཁུལ་ལས་ཐག་རིང་བའི་སར་མེར་སྲེག་པའམ་ས་འོག་ཏུ་སྦས་ཏེ། ལྗི་བ་སྐྱེ་སའི་གཞི་མེད་པར་བཟོ་དགོས།
3.བདེ་ཐང་གི་འཚོ་བ་སྐྱེལ་བའི་གོམས་གཤིས་འཇགས་པ་བྱེད་དགོས་པ་སྟེ། འཚོ་བའི་གོམས་གཤིས་ངན་པ་སྤོང་བ་དང་། ལུས་སྦྱོང་ལ་ཤུགས་སྣོན། ཁ་ལག་ཚད་རན་པོ་ཟ་བ། ལས་ཀ་དང་ངལ་གསོ་སོགས་ཆོས་ཉིད་དང་མཐུན་པ། རང་ངོས་ཀྱི་ནད་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལག་པ་ཡང་སེ་བཀྲུ་བ་དང་གྱོན་གོས་དུས་ཐོག་ཏུ་བརྗེ་བ། རང་ངོས་ཀྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས། འཕྱི་བ་དང་། རི་བོང་། ཝ་མོ་སོགས་རི་སྐྱེས་སྲོག་ཆགས་མི་བཟུང་བ་དང་། བྱི་ལ(ཞི་མི)དང་ཁྱི་སོགས་སྲོག་ཆགས་ལ་ཐུག་རེག་མི་བྱེད་པ། བྱི་ཁུང (ཙི་ཁུང)དང་རི་སྐྱེས་སྲོག་ཆགས་གཞན་དག་གི་ཚང་འགྲམ་དུ་ངལ་གསོ་མི་རྒྱག་པ། མི་མང་འདུ་སར་མི་འགྲོ་བ་བཅས་རིམས་ནད་སྔོན་འགོག་ལེགས་པོ་བྱེད་དགོས།
4.རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱེད་དགོས་པ་སྟེ། རིམས་ནད་ཐོན་ཁུལ་དང་ཐག་ཉེ་སའི་མང་ཚོགས་ཀྱིས་ཐོན་སྐྱེད་འཚོ་བའི་ཁྲོད་ལྗི་འགོག་རྐང་ཤུབས་དང་ལག་ཤུབས་སོགས་གྱོན་ནས་རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱེད་དགོས། ཕྱི་རོལ་དུ་ལས་ཀ་བྱེད་མཁན་མི་སྣས་སྟོད་ཐུང་ཕུ་དུང་རིང་པོ་དང་དོར་མ(གོས་ཐུང)རིང་པོ་གྱོན་དགོས། དགོས་ངེས་ཀྱི་སྐབས་སུ་ལྷམ་ཡུ་རིང་དང་ལྗི་འགོག་རྐང་ཤུབས་གྱོན་ནས་སོ་མི་ཐེབས་པ་བྱེད་དགོས།
5.འགོག་ཟོན་གྱི་ལས་ཀར་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ་སྟེ། གལ་སྲིད་ཚ་བ་རྒྱས་པ་དང་། གློ་ལུ་བ། རྨེན་མདུད་ན་བ། ཁྲག་ལུ་བའམ་ཡང་ན་ཁྲག་དོན་པ་སོགས་ཀྱི་ནད་རྟགས་ཐོན་ཚེ། དུས་ཐོག་ཏུ་སྨན་བཅོས་ལས་ཁུངས་ལ་སྨན་བཅོས་བྱེད་པར་བསྐྱོད་དགོས་པ་མ་ཟད། ཉེ་དུས་གང་དུ་ཕྱིན་མིན་དང་འབྲེལ་འདྲིས་སོགས་ཀྱི་གནས་ཚུལ་སྨན་པར་ཇི་མ་ཇི་བཞིན་ཤོད་དགོས། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་དང་། གྲལ་བཤེར། ལོགས་བཀར། སྨན་བཅོས་བྱེད་པ་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས། སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་ནད་རྟགས་གཏན་འཁེལ། སྔ་ཙམ་ནས་སྨན་བཅོས་ཐུབ་པ་བཅས་བྱེད་དགོས།
བྱི་རིམས་ནི་འགོག་བཅོས་ཐུབ་པ་ཞིག་ཡིན་པས། ང་ཚོས་རང་ཉིད་ནས་འགོ་འཛུགས་པ་དང་ད་ལྟ་ནས་འགོ་བཙུགས་ཏེ་རང་ངོས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་བར་བརྟེན་ནས་བྱི་རིམས་འགོག་ཟོན་གྱི་ལས་དོན་ནང་མཉམ་ཞུགས་ཀྱིས། ལག་གདང་སྦྲེལ་ནས་བདེ་ཐང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས།
སྣ་དཀར་རྩེ་་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷནཁང་།
2025ལོའི་ཟླ་6ཚེས་16ཉིན།