" />
    
    
         
         
     
    
    
     
    
    
    
        
            
            
                
                    (藏汉双语)浪卡子县关于举办2024年第32届打隆边贸物资交流会的公告
                    
                        2024-07-11 16:33:10
                        来源:“羊湖之声”公众号
                        
          
                     
                 
                
                    浪卡子县关于举办2024年第32届打隆边贸物资交流会的公告    浪卡子县2024年第32届打隆边贸物资交流会即将开幕,为使广大参展商户、群众准时、准确知悉物交会内容,根据物交会组委会研究确定,第32届打隆边贸物资交流会将于2024年7月27日至2024年8月2日如期举行,我们诚挚欢迎广大参展商户的到来,现参展相关事宜公告如下:    民族特色产品、农畜产品、民族手工艺品、日用百货、餐饮、文化娱乐、家电家具、活畜交易等。    2024年7月24日至26日为摊位抽签时间,请参加摊位抽签商户在规定时间内携带本人有效身份证件,前往浪卡子县打隆镇参与摊位抽签,抽完即止,逾期不候。    参展摊位按功能区域划分为特色展区、日常百货区、餐饮区、文化娱乐区、家具区、活畜交易区。其中日常百货区由打隆镇统一搭建展位,餐饮区、文化娱乐区、家具区由参展商户按照功能划分区域自行搭建摊位。具体收费标准:日常百货区摊位面积为6米×3米=18平方米,每平方米35元,餐饮、娱乐、家具摊位每平方米15元,区域面积按照参展户的数量进行划分。    1.物交会期间,各参展经营单位和个人务必携带营业执照等相关从事经营许可证件,食品、餐饮经营单位和个人如未取得健康证,请及时前往县市场监督管理局办理。    2.物交会举办地点系属边境地区,请非浪卡子户籍参展商户在户籍所在地提前办理边防通行证。    3.物交会期间严禁出现倒卖、贩卖摊位的行为,不得在指定摊位以外的任何区域,违规违建、私搭乱建。一经发现将严肃追究相关人员的责任。一旦抽签确定摊位号,不予退换。    4.为确保物交会有序开展,执法机关将严厉打击违法违纪行为,并依法追究当事人法律责任。    5.参展期间各商户要严格遵守物交会市场秩序,积极配合组委会各项工作。    6.参展期间,各参展商户道路交通、财产等安全有关事项各自负责,本县不承担任何责任。    7.为确保参展期间参展商户、人民群众生命财产安全,参展商户按照消防管理相关规定,携带4公斤以上的一组灭火器,搭建帐篷内使用节能灯,不得乱接乱牵电线,不得使用大功率电器。    承办单位:浪卡子县打隆镇、浪卡子县文旅局、浪卡子县商务局    联系电话:13658936540,18389038080༄༅།།སྣ་དཀར་རྩེ་རྫོང་གི༢༠༢༤ལོའི་སྟག་ལུང་མཐའ་མཚམས་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས༣༢པ་ཚོགས་རྒྱུའི་སྐོར་གྱི་སྤྱི་བསྒྲགས།    སྣ་དཀར་རྩེ་རྫོང་གི༢༠༢༤ལོའི་སྟག་ལུང་མཐའ་མཚམས་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་༣༢པ་ཚུགས་གྲབས་ཡོད་པས། ཚོང་འདུས་ལ་ཞུགས་མཁན་གྱི་རྒྱ་ཆེའི་ཚོང་པ་དང་མང་ཚོགས་ནས་ཚོང་འདུས་ཀྱི་ངེས་བྱ་ཁག་ཡང་དག་ངང་ཤེས་རྟོགས་ཡོང་ཆེད་ཚོང་འདུས་སྒྲིག་འཛུགས་ཨུ་ལྷན་ནས་ཞིབ་འཇུག་གཏན་འཁེལ་བྱས་པ་བརྒྱུད།སྣ་དཀར་རྩེ་རྗོང་སྟག་ལུང་མཐའ་མཚམས་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་༣༢པ་འདི་སྤྱི་ལོ༢༠༢༤ལོའི་ཟླ་བ༧ཚེས༢༧ནས་སྤྱི་ཟླ་༨ཚེས་༢བར་གཉེར་རྒྱུ་ཡིན་པས་རྒྱ་ཆེའི་ཚོང་དུད་རྣམས་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ་ཚོང་འདུས་ལ་ཞུགས་པའི་འབྲེལ་ཡོད་ངེས་བྱ་ཁག་གཤམ་གསལ་ལྟར།    གཅིག འགྲེམས་ཚོང་ལ་ཞུགས་པའི་ཁྱབ་ཁོངས།    མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་དང་། ཞིང་འབྲོག་ཐོན་རྫས། མི་རིགས་ལག་ཤེས་ཐོན་རྫས། ཉེར་མཁོའི་ཚོང་ཟོག་དང་བཟའ་བཏུང་རིགས། རིག་གནས་དང་རོལ་རྩེད་རིགས།  ཁྱིམ་སྤྱོད་གློག་ཆས།  ཕྱུགས་ཟོག་ཉོ་ཚོང་རིགས་སོགས་ཚུད་ཡོད།    གཉིས། འགྲེམས་ཚོང་ལ་ཞུགས་པའི་ཁྲོམ་བཀྱག་གི་རྒྱན་རྒྱག་ཡུལ་དང་རྒྱན་རྒྱག་པའི་དུས་ཚོད།    སྤྱི་ལོ༢༠༢༤ལོའི་ཟླ་༧ཚེས་༢༤ནས་ཚེས་༢༦བར་ཁྲོམ་བཀྱག་གི་རྒྱན་རྒྱག་པའི་དུས་ཚོད་ཡིན་པས་འགྲེམས་ཚོང་ཞུགས་མཁན་ཚོང་པས་གཏན་འཁེལ་བྱས་པའི་དུས་ཚོད་ནང་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་དུ་ཁྲོམ་བཀྱག་རྒྱན་རྒྱག་པར་ཕེབས་དགོས།    གསུམ། འགྲེམས་ཚོང་ཁུལ་གྱི་ཚོང་བྱའི་ནང་དོན་དང་རིན་པ་བསྡུ་བའི་ཞིབ་ཕྲའི་ཚད་གཞི།    འགྲེམས་ཚོང་ཁུལ་དུ་ཡུལ་ཟོག་ཁུལ་དང་། རྒྱུན་མཁོའི་ཚོང་ཟོག བཟའ་བཏུང་། རིག་གནས་རོལ་རྩེད། ཁྱིམ་ཆས། ཕྱུགས་ཟོག་ཉོ་ཚོང་བཅས་སུ་དབྱེ་ཡོད།  དེའི་ཁྲོད་ནས་རྒྱུན་མཁོའི་ཚོང་ཟོག་འགྲེམས་སྟོན་ཁུལ་གྱི་གུར་རྣམས་སྟག་ལུང་གྲོང་རྡལ་ནས་གཅིག་གྱུར་དབུབ་རྒྱུ་དང་།  བཟའ་བཏུང་དང་།  རིག་གནས་རོལ་རྩེད།    ཁྱིམ་ཆས་འགྲེམས་ཚོང་སོགས་འགྲེམས་ཚོང་ཁུལ་གྱི་གུར་རྣམས་ས་ཁོངས་གཞིར་བཟུང་ཚོང་པ་སོ་སོས་དབུབ་རྒྱུ་ཡིན།རིམ་པ་བསྡུ་བའི་ཞིབ་ཕྲའི་ཚད་གཞི་ནི།  རྒྱུན་མཁོའི་ཚོང་ཟོག་གི་ཁྲོམ་བཀྱག་ལ་རྒྱ་ཁྱོན་རྨིད་གྲུ་བཞི་མ་༦×༣=༡༨ཡིན་པར་རྨིད་གྲུ་བཞི་མ་རེར་སྒོར་༣༥ཡིན་པ་དང་།  བཟའ་བཏུང་དང་རོལ་རྩེད།  ཁྱིམ་ཆས་བཅས་ཀྱི་ཁྲོམ་བཀྱག་ལ་རྨིད་གྲུ་བཞི་མ་རེར་སྒོར་༡༥ཡིན།   ས་ཁོངས་ཀྱི་རྒྱ་ཁྱོན་དེ་འགྲེམས་ཚོང་ནང་ཞུགས་མཁན་ཚོང་པའི་གྲངས་འབོར་ལྟར་དབྱེ་འབྱེད་བྱ་རྒྱུ་ཡིན།    བཞི། འགྲེམས་ཚོང་ནང་ཞུགས་མཁན་ཚོང་པ་རྣམས་ཀྱིས་དོ་སྣང་བྱ་དགོས་པའི་དོན་ཚན།    ༡.ཚོང་འདུས་རིང་འགྲེམས་ཚོང་ཞུགས་མཁན་ཚོང་པའམ་ཚན་པ་རྣམས་ནས་ཚོང་གཉེར་ལག་ཁྱེར་སོགས་འབྲེལ་ཡོད་ལག་ཁྱེར་རྣམས་འཁྱེར་ཡོང་དགོས་པ་དང་། གལ་སྲིད་ཟས་རིགས་དང་བཟའ་བཏུང་གཉེར་སྐྱོང་ཚན་པའམ་མི་སྒེར་ལ་བདེ་ཐང་ལག་ཁྱེར་མེད་ཚེ་དུས་ཐོག་ཏུ་སྣ་དཀར་རྩེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་དུ་འགྲོ་ལུགས་གཉེར་དགོས།    ༢.ཚོང་འདུས་གཉེར་ཡུལ་འདི་མཐའ་མཚམས་ས་ཁུལ་ཡིན་པས།  སྣ་དཀར་རྩེའི་ཐེམ་ཐོ་མིན་པའི་ཚོང་པ་རྣམས་ཀྱིས་སྔོན་ཚུད་ནས་རང་ཉིད་ཀྱི་ཐེམ་ཐོ་ཡོད་སའི་ས་གནས་ནས་མཐའ་མཚམས་སུ་བསྐྱོད་ཆོག་པའི་འགྲོ་སྐྱོད་ལག་ཁྱེར་གཉེར་དགོས།    ༣.ཚོང་འདུས་རིང་ཁྲོམ་བཀྱག་ལོག་ཚོང་དང་བར་ཚོང་བྱེད་པར་གཏན་འགོག་བྱེད་རྒྱུ་དང་། དམིགས་འཛུགས་བྱས་པའི་ཁྲོམ་བཀྱག་ཕུད་པའི་ས་ཁོངས་གཞན་གང་ཞིག་ཏུའང་སྒྲིག་འགལ་ཁྲིམས་འགལ་དང་གང་བྱུང་དུ་ཁྲོམ་བཀྱག་བཟོས་མི་ཆོགགལ་ཏེ་གནས་ཚུལ་དེ་རིགས་ཐོན་ཚེ་དོ་བདག་འདིའི་འགན་འཁྲི་རྩད་གཅོད་ནན་པོ་བྱ་རྒྱུ་ཡིན། རྒྱན་རྒྱབ་ནས་ཁྲོམ་བཀྱག་ཨང་གྲངས་གཏན་འཁེལ་བྱས་ཟིན་རྗེས་ཁྲོམ་བཀྱག་གང་བྱུང་བརྗེས་རེས་དང་ཕྱིར་སློག་བྱས་མི་ཆོག    ༤.ཚོང་འདུས་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་ཐུབ་ཆེད། ཁྲིམས་སྐྱོང་ཚན་པས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་མ་ཟད་ཁྲིམས་ལྟར་དོ་བདག་གི་འགན་འཁྲི་རྩད་གཅོད་བྱེད་རྒྱུ།    ༥.ཚོང་འདུས་རིང་ཚོང་པ་རྣམས་ཀྱིས་ཁྲོམ་རའི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ནས་སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་ཁག་ལ་གཞོགས་འདེགས་ཧུར་ཐག་བྱེད་དགོས།    ༦.ཚོང་འདུས་རིང་ཚོང་པས་གཞུང་ལམ་འགྲིམ་འགྲུལ་དང་རྒྱུ་ནོར་བདེ་འཇགས་གནད་དོན་ཁག་ལ་རང་ཉིད་སོ་སོས་འགན་འཁུར་དགོས་པ་ལས་སྣ་དཀར་རྩེ་རྫོང་གིས་འགན་འཁྲི་གང་ཡང་འཁུར་རྒྱུ་མིན།    ༧.ཚོང་འདུས་རིང་ཚོང་པ་དང་དེ་བཞིན་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཐུབ་ཆེད་འགྲེམས་ཞུགས་ཚོང་པ་རྣམས་ཀྱིས་མེ་ཟོན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྤྱི་རྒྱ་༤ཡན་གྱི་མེ་གསོད་ཡོ་བྱད་འཁྱེར་དགོས་པ་དང་། གུར་ནང་དུ་ནུས་རྒྱུ་གྲོན་ཆུང་གི་གློག་སྒྲོན་སྤྱོད་པ་ལས་གློག་སྐུད་གང་བྱུང་དུ་འཁྲིད་མི་ཆོག་པ་དང་ནུས་ཚད་ཆེ་བའི་གློག་ཆས་བེད་སྤྱོད་བྱས་མི་ཆོག    གཙོ་གཉེར་ཚན་པ།  སྣ་དཀར་རྩེ་རྫོང་ཨུད།  སྣ་དཀར་རྩེ་རྫོང་མི་དམངས་སྲིད་གཞུང་།    སྒྲུབ་གཉེར་ཚན་པ།སྣ་དཀར་རྩེ་རྗོང་སྟག་ལུང་གྲོང་རྡལ། སྣ་དཀར་རྩེ་རྗོང་རིག་གནས་ཡུལ་སྐོར་ཅུད།   སྣ་དཀར་རྩེ་རྗོང་ཚོང་དོན་ཅུད།    ཚོང་འདུས་སྤེལ་ཡུལ། སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ།    འབྲེལ་གཏུག་མི་སྣ།བཀྲ་ཤིས་བག་གྲོ།       བསོད་ནམས་སྟོབས་རྒྱལ།    འབྲེལ་གཏུག་ཁ་པར།    ༡༣༦༥༨༩༣༦༥༤༠   ༡༨༣༨༩༠༣༨༠༨༠