སྣ་དཀར་རྩེ་རྫོང2021ལོའི་སྟག་ལུང་མཐའ་མཚམས་དངོས་ཟོག་དང་རིག་གནས་སྤེལ་རེས་ཚོང་འདུས་སྐབས་སུམ་ཅུ་པ་འཚོགས་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
སྣ་དཀར་རྩེ་རྫོང2021ལོའི་སྟག་ལུང་མཐའ་མཚམས་དངོས་ཟོག་དང་རིག་གནས་སྤེལ་རེས་ཚོང་འདུས་སྐབས་སུམ་ཅུ་པ་མི་རིང་བར་འགོ་འཛུགས་རྒྱུ་ཡིན་པས་རྒྱ་ཆེའི་ཚོང་གྲོགས་ལྷན་རྒྱས་དང་། མང་ཚོགས་རྣམས་པས་དུས་ཐོག་ཏུ་ཚོང་འདུས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་ཡོང་ཆེད། ཐེངས་འདིའི་ཚོང་འདུས་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་འཇུག་གཏན་འཁེལ་བྱས་པ་བརྒྱུད།སྟག་ལུང་མཐའ་མཚམས་དངོས་ཟོག་དང་རིག་གནས་སྤེལ་རེས་ཚོང་འདུས་ཐེངས་སུམ་ཅུ་པ་དེ2021ལོའི་ཟླ7ཚེས30ཉིན་ནས2021ལོའི་ཟླ8ཚེས5ཉིན་བར་འཚོགས་རྒྱུ་ཡིན་པས།རྒྱ་ཆེའི་ཚོང་གྲོགས་ལྷན་རྒྱས་ཕེབས་རྒྱུར་ང་ཚོས་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་རྒྱུ་ཡིན།
ཟུར་མཆན། 1.ཚོང་གཉེར་གནང་མཁན་གྱི་ཚན་པ་ཁག་དང་མི་སྒེར་གྱིས་ངེས་པར་དུ་འབྲེལ་ཡོད་ལག་ཁྱེར་འཁྱེར་དགོས་པ་དང་། བཟའ་བཏུང་ཚོང་གཉེར་གནང་མཁན་གྱི་ཚན་པ་དང་མི་སྒེར་ལ་བདེ་ཐང་ལག་ཁྱེར་མེད་ཚེ་རང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་དུ་འགྲོ་ལུགས་གཉེར་དགོས།
2.ཚོང་འདུས་འཚོགས་ཡུལ་མཐའ་མཚམས་ཁུལ་ཡིན་པས་རྒྱ་ཆེའི་ཚོང་གྲོགས་ལྷན་རྒྱས་ཀྱིས་ཐེམ་ཐོ་གནས་ཡུལ་ནས་སྔ་སྣུར་དུ་མཐའ་སྲུང་གི་ལམ་ཡིག་བཟོ་དགོས།
3.ཁྲོམ་འདོན་སའི་ས་ཆ་བགོད་འགྲེམས་བྱེད་པའི་དུས་ཚོད་ནི་2021ལོའི་ཟླ7ཚེས27ཉིན་ནས་ཚེས28བར་ཡིན་པས་ཚོང་གྲོགས་ལྷན་རྒྱས་ནས་ཐོབ་ཐང་ལག་ཁྱེར་འཁྱེར་ཏེ་ས་ཡུལ་དངོས་ལ་ཕེབས་རོགས།
ས་གནས། སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ།
འབྲེལ་གཏུག་མི་སྣ། རྡོ་རྗེ་བསྟན་པ་དང་བཀྲ་ཤིས་བག་བྲོ།
འབྲེལ་གཏུག་ཨང་གྲངས། 13618933030 13658936540